Settlement Program (གཞིས་ཆགས་ལས་འཆར།)

གཞིས་ཆགས་ལས་འཆར་དེ་གང་རེད་དམ།

གཞིས་ཆགས་ལས་འཆར་དེས་ཨོའོ་སི་ཀྲོ་ལི་ཡའི་ནང་དུ་འདས་པའི་ལོ་ལྔའི་ནང་དུ་འབྱོར་བའི་མི་ཚོར་རྒྱབ་སྐྱོར་གནང་སྟེ། ཁོང་ཚོའི་ནུས་སྟོབས་སྤེལ་བ་དང་ཆབས་ཅིག་ཏུ་གནས་ཡུལ་ཡོད་པའི་ཚོར་སྣང་ཞིག་སྐྲུན་པ་དང་སྤྱི་ཚོགས་ནང་ཟླ་འདྲིས་ལེགས་སུ་གཏོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད།


གནད་དོན་བྱ་བ།

ང་ཚོའི་གནད་དོན་བྱ་བའི་རྒྱབ་སྐྱོར་ནང་དུ་ས་གནས་འབྲེལ་མཐུད་དང་ཞབས་ཞུ་ཁག །སྡོད་ཁང་གི་རྒྱབ་སྐྱོར། ལས་ཀ་དང་ཤེས་ཡོན་ཐོབ་པ་བྱེད་པ། འཕྲོད་བསྟེན་ལྟ་སྐྱོང་ཐོབ་པ་བྱེད་པ། དེ་བཞིན་རིག་གཞུང་གི་མཐུད་ཁག་ལ་འབྲེལ་སྦྱོར་བྱེད་པ་དག་འཚུད་ཡོད།

ནུས་སྟོབས་དང་སྒེར་གྱི་དགོས་མཁོ་ཁག་ལ་གཞི་བཞག་པའི་ཐོག་ནས་ང་ཚོས་མཉམ་ཞུགས་གནང་མཁན་གྱི་ནུས་པ་དང་གདེང་ཚོད་གོང་དུ་སྤེལ་ནས་རྒྱབ་སྐྱོར་གྱི་ཞབས་ཞུ་ཁག་ལེན་ཐུབ་པ་དང་། རང་མགོ་རང་ཐོན་ཡོང་བ་བྱེད་པ། འཚོ་གནས་ཀྱི་ནུས་རྩལ་གོང་དུ་སྤེལ་བ། དེ་བཞིན་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་གི་ནང་དུ་མཉམ་ཞུགས་གནང་ཐུབ་པ་ཡོང་བ་བཟོ་གི་རེད།


སྤྱི་ཚོགས་ཡར་རྒྱས།

ང་ཚོའི་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་འཆར་ནང་དུ་མཐུན་རྐྱེན་སྦྱོར་ཡོད་པའི་རུ་ཁག་དང་། ཟབ་སྦྱོང་ཁག །དེ་བཞིན་གནས་ཚུལ་མཁོ་སྤྲོད་ཚོགས་ཐུན་འཚུད་ཡོད་པ་དེ་དག་གིས་མི་ཚོའི་གལ་གནད་ཆེ་བའི་བརྗོད་གཞི་དང་གླེང་གཞི་ཁག་དེ་ཡང་རུ་ཁག་དང་ཁོང་ཚོའི་ཁྱིམ་ཚང་ཁག་རིམ་པས་ཨོའོ་སི་ཀྲོ་ལི་ཡའི་ནང་གཞིས་ཆགས་ནས་འཚོ་བ་སྐྱེལ་དུས་དེ་དང་འབྲེལ་བ་ཡོད་པའི་སྐོར་གྱི་ཤེས་བྱ་དང་གོ་རྟོགས་སྤེལ་རྒྱུར་རོགས་རམ་བྱེད་ཀྱི་རེད།

འོས་བབས།

ཞབས་ཞུ་ཁག་ལ་འོས་བབས་ཡོད་པའི་མཉམ་ཞུགས་གནང་མཁན་གྱི་མི་ཚོར་ཁོང་ཚོའི་ཨོའོ་སི་ཀྲོ་ལི་ཡའི་ནང་ཐོག་མའི་ལོ་ལྔའི་རིང་འཚོ་གནས་ཀྱི་ནང་གཤམ་འཁོད་སྡེ་ཚན་ཁག་གི་ནང་དུ་མཁོ་སྤྲོད་བྱས་ཡོད་:

  • འགྲོ་བ་མིའི་བདེ་རྩའི་ཐོག་ནས་གསར་ཞུགས་གནང་མཁན།
  • ཨིན་སྐད་ཆུ་ཚོད་དམའ་པོ་ཡོད་པ་དང་ནང་མིའི་རྒྱུན་གྱི་ཐོག་ནས་གནས་སྤོ་མཁན།
  • མཐོང་མཆན་གཞན་དག་གི་རྒྱུན་དང་འདེམ་སྒྲུག་བྱས་པའི་གནས་སྐབས་རིང་གནས་སྡོད་བྱེད་མཁན།

གཞིས་ཆགས་ལས་འཆར་དེ་ནུས་པ་གང་འདྲ་ཐོན་གྱི་ཡོད་དམ།

ལས་བྱེད་པས་གསར་དུ་འབྱོར་བའི་སྐྱེས་པ་དང་། བུད་མེད། ཕྲུ་གུ །ཁྱིམ་ཚང་ཁག་སྐྱབས་བཅོལ་ཡང་ན་རིག་གཞུང་སྣ་མང་གི་རྒྱབ་ལྗོངས་ནས་ཡིན་པ་དེ་ཡང་གནད་དོན་བྱ་བའི་རྒྱབ་སྐྱོར་དང་སྤྱི་ཚོགས་གོང་འཕེལ་ནུས་པ་ཞིག་གི་ནང་དུ་ཡོད་པ་ཚོར། མཉམ་ཞུགས་གནང་མཁན་གྱི་དགོས་མཁོ་ཁག་གཞིར་བཟུང་ནས་རོགས་རམ་བྱེད་ཀྱི་ཡོད།

ང་ཚོས་ནུས་སྟོབས་ཁག་ལ་གཞི་བཞག་ཡོད་པ་དང་། སེམས་ནད་བརྡ་འབྲེལ་བྱས་པའི་ཐབས་ལམ་ཞིག་བེད་སྤྱོད་བྱས་ཏེ། ངོས་འཛིན་བྱེད་པ་དང་མཉམ་ཞུགས་གནང་མཁན་དང་སྤྱི་ཚོགས་ནུས་རྩལ་ཁག་དང་ཤེས་བྱའི་ཐོག་ཏུ་སྐྲུན་པ་དང་ཆབས་ཅིག་ཏུ་སྤྱི་ཚོགས་ཁག་གི་ནང་དུ་བཟང་ཕྱོགས་དང་གདེང་ཚོད་ལྡན་པའི་བློའི་འཁྱེར་གསོའི་རྒྱབ་སྐྱོར་མཁོ་སྤྲོད་བྱེད་ཀྱི་ཡོད། དེར་ནུས་སྟོབས་གོང་འཕེལ་གཏོང་བ་དང་དེ་བཞིན་གསར་དུ་འབྱོར་བའི་གནས་སྤོ་བ་དང་སྐྱབས་བཅོལ་ཞུ་མཁན་ཚོས་རིག་གཞུང་གི་མཐུད་སྣེ་ཁག་ཉར་བའི་ཐོག་ནས་ཨོའི་སི་ཀྲོ་ལི་ཡའི་སྤྱི་ཚོགས་ཀྱི་རྒྱུན་གཙོ་བོའི་ནང་དུ་མཉམ་ཞུགས་ཆ་ཚང་བ་ཡོང་ཆེད་དེར་རྒྱབ་སྐྱོར་བྱེད་པའི་ཐོག་ལ་དམིགས་གཏད་བྱེད་ཀྱི་ཡོད།

གཞིས་ཆགས་ལས་འཆར་དེས་ཨོའོ་སི་ཀྲོ་ལི་ཡ་ནང་དུ་གསར་དུ་འབྱོར་བའི་མི་དེའི་གདེང་ཚོད་དང་ནུས་པ་གོང་སྤེལ་གཏོང་ཐུབ་པའི་ཆེད་དུ་མི་ཞིག་གཙོ་བོར་བཞག་པའི་ཐབས་ལམ་བེད་སྤྱོད་གཏོང་གི་རེད། ང་ཚོའི་ངོས་ནས་མི་ཚོས་ཨོའོ་སི་ཀྲོ་ལི་ཡའི་ནང་དུ་དེ་བས་གཞིས་ཆགས་ཐུབ་ཡོད་པ་ཚོར་ཐུབ་པའི་ཆེད་དུ་རྒྱབ་སྐྱོར་དང་ཁོང་ཚོར་སྒེར་གྱི་ཐོག་དང་དེ་བཞིན་སྤྱི་ཚོགས་རིམ་པའི་ནུས་རྩལ་དང་ཤེས་བྱ་ཐོབ་ཐུབ་པའི་ཆེད་དུ་རོགས་རམ་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།

 


བྱེད་སྒོ་གང་དག་མཁོ་སྤྲོད་བྱས་ཡོད་དམ།

ལས་འཆར་ཁག་མི་འདྲ་ཡང་འཕྲོད་བསྟེན་སློབ་སྟོན་དང་། ཕ་མ་གསར་པར་རྒྱབ་སྐྱོར། རང་ངོས་ནས་ཞུ་གཏུག །ཨོའོ་སི་ཀྲོ་ལི་ཡའི་ནང་འགྲུལ་བཞུད་བྱས་པའི་ཤུགས་རྐྱེན། སྤྱི་ཚོགས་ནང་དུ་གཞིས་ཆགས་པའི་འབྲེལ་ཡོད་བརྗོད་གཞི་ཁག་ཚུད་ཡོད་པ་དང་། དེ་བཞིན་བུད་མེད་ཚོ། ལོ་ན་བགྲེས་པ་ཡང་ན་གཞོན་སྐྱེས་ཚོའི་དགོས་མཁོ་ཁག་སྐོང་བ་བྱེད་པ་འཚུད་ཡོད།

 


ང་ཚོ་མི་གཞན་དག་གཞིས་ཆགས་ལས་འཆར་དེ་ལ་འབྲེལ་སྦྱོར་གང་འདྲ་བྱ་ཐུབ་བམ།

དེར་ལམ་ལུགས་ཀྱི་ཐོག་ནས་འབྲེལ་སྦྱོར་བྱེད་པའི་ལམ་བུ་ཞིག་གཞིས་ཆགས་ལས་འཆར་འདིའི་ཆེད་དུ་མེད། མི་སུ་རུང་ཞིག་འབྲེལ་སྦྱོར་གནང་འདོད་ཡོད་པའམ་ཡང་ན་གནས་ཚུལ་མང་བ་ཐོབ་འདོད་ཡོད་ན་གཞིས་ཆགས་ལས་འཆར་གྱི་ལས་བྱེད་པར་ང་ཚོའི་ཉི་ཤར་ལས་ཁུངས་ (Sunshine Office) བརྒྱུད་ནས་འབྲེལ་བ་གནང་ཆོག །ཡང་ན་འབྲེལ་སྦྱོར་འགེངས་ཤོག་ཅིག་ཨི་མལ་གློག་འཕྲིན་བརྒྱུད་ནས་དེ་ལྟར་གནང་ཆོག །

ང་ཚོར་འབྲེལ་བ་གནང་རོགས།

16 Withers St, Sunshine VIC 3020
ཁ་པར་: (03) 8595 2438
ཨི་མལ་གློག་འཕྲིན་: settlement@jss.org.au

St. Albans East Primary School
Station Ave, St. Albans VIC 3021
ལས་དུས་ཉིན་མོ་: གཟའ་ལྷག་པ་ནས་གཟའ་པ་སངས།
ཁ་པར་ (03) 9310 7536

settlement@jss.org.au
www.jss.org.au

སྐད་སྒྱུར།

ཇེ་སུད་ཊི་སྤྱི་ཚོགས་ཞབས་ཞུ་ཁང་ནི་སྤྱི་ཚོགས་ལ་འགྱུར་ལྡོག་གཏོང་མཁན་གྱི་ཚོགས་པ་ཞིག་སྟེ། དེས་མི་ཚང་མས་རང་ཉིད་ཀྱི་ནུས་པ་གང་ཚང་འདོན་ནས་འཚོ་གནས་ཐུབ་ཆེད་དྲང་བདེན་གྱི་སྤྱི་ཚོགས་ཤིག་སྐྲུན་གྱི་ཡོད། གཞིས་ཆགས་ལས་འཆར་དེ་ནི་ LGBTI མི་ནང་དུ་ཚུད་ཡོད་པའི་ཞབས་ཞུ་ཞིག་རེད།

2023 Annual Dinner

Please join us for our Annual Dinner on 25 March 2023.